ལམ་འབྲས་ངོ་སྤྲོད།

ལམ་འབྲས་ནི་བོད་བརྒྱུད་ནང་བསྟན་ས་སྐྱ་རིང་ལུགས་ཀྱི་ཆེས་ཤིན་ཏུ་གལ་འགངས་ཆེ་བའི་གསང་སྔགས་གཞུང་ཞིག་ཡིན། བདུན་ཕྲག་དྲུག་རིང་གི་སྒོམ་སྒྲུབ་དང་གཞུང་ཁྲིད་དང་བཅས་ལ་སངས་རྒྱས་འགོ་འཕང་ཐོབ་པའི་ཐར་ལམ་བསྟན། དེ་ལ་དབྱེ་བ་གཉིས་ཀྱི་སྒོ་ནས་འབྱེད་ཡོད། དང་པོ་སྣང་བ་གསུམ་ཡིན་ལ། དེའི་སྒོམ་སྒྲུབ་མདོ་ལས་དྲངས་ཞིང་ཚིགས་བཅད་ངོ་བོར་གྲུབ་པའི་མན་ངག་ཅིག་ཡིན་ལ།  གཉིས་པ་གསང་སྔགས་གསུམ་ཡིན་ལ། དེའི་སྒོམ་སྒྲུབ་གསང་སྔགས་ནས་ལེན་པ་དང་ཚིགས་བཅད་ངོ་བོར་གྲུབ་པའི་མན་ངག་ཅིག་ཡིན།

ལམ་འབྲས་གཞུང་དེ་ཀྱཻ་རྡོ་རྗེ་རྒྱུད་གཞི་བཅོལ་བས་འདིའི་དབང་ཕལ་ཆེར་དེར་བསྡུས་ཡོད།

ལམ་འབྲས་ནི་གནའ་བོའི་འཕགས་པའི་ཡུལ་གྱི་སློབ་དཔོན་དང་ནཱ་ལེན་ཌའི་གཙུག་ལག་ཁང་གི་མཁན་པོ་གྲུབ་ཐོབ་བི་རུ་པ་ལས་འབྱུང་བ་ཞིག་ཡིན། སྲུང་མ་རྡོ་རྗེ་བདག་མེད་མ་ནས་དབང་དང་མན་ངག་དངོས་སུ་ཐོབ་ཅིང་མྱུར་དུ་ཉམས་རྟོགས་ཆེན་པོ་ཐོབ་སྟེ། ཁོང་གིས་གྲུབ་རྟགས་དང་ཉམས་རྟགས་ཁྱད་པར་མང་པོ་བསྟན་ཞིང་། འབྱུང་བ་ལས་རང་དབང་ཐོབ་ཅིང་སྡུག་བསྔལ་དང་དུག་གི་གནོད་པ་ལས་བྲལ་བ་ཞིག་ཡིན།

གྲུབ་ཐོབ་བི་རུ་པས་རང་གི་སློབ་མ་རྣམས་ལ་གསུངས་པའི་གཞུང་གི་མཚན་ལ་ལམ་འབྲས་ཟེར། མི་རབས་བཞི་རྗེས་སུ་བོད་དུ་དར་བ་རེད། གངས་ལྗོངས་བོད་དུ་ས་སྐྱ་རིང་ལུགས་སྲོལ་གཏོད་པ་པོ་ལྔ་ནང་ནས་དང་པོ་༸ས་ཆེན་ཀུན་དགའ་སྙིང་པོ་ལ་ཐོབ་སྟེ་དེའི་གཞུང་དོན་མཐའ་དག་རྟོགས། རྗེས་སུ་ཉམས་རྟོགས་ཆེན་པོ་འབར་བའི་སྟོབས་ཀྱིས་གྲུབ་ཐོབ་བི་རུ་པའི་སྤྱན་སྔ་ནས་གཞུང་འདི་དངོས་སུ་གསན་བསམ་གནང་། དེ་ནས་བཟུང་ས་སྐྱ་རིང་ལུགས་སུ་ལམ་འབྲས་དམིགས་བསལ་སྒོམ་སྒྲུབ་དང་ཉམས་ལེན་བྱས་དང་བྱེད་བཞིན་ཡོད། དེ་ནི་མཚན་ཉིད་རིག་པ་དང་སྒོམ་སྒྲུབ་གཉིས་ཀ་བདག་ཉིད་དུ་གྱུར་བའི་གཞུང་མཚུངས་པ་དང་བྲལ་བ་ཞིག་ཡིན།

བལ་ཡུལ་རྒྱལ་ས་ཀཏ་མན་དྷུར་ལམ་འབྲས་གསུང་ཆོས། ༢༠༢༤།

ᨊསྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གི་དྲུང་ནས་ཡིད་བཞིན་ནོར་བུ་འདྲ་བའི་ལམ་འབྲས་གསུང་ཆོས་དངོས་སུ་ཐོས་པའི་སྐལ་བཟང་ཐོབ་པ་འདི་ཐོབ་ཏུ་མེད་པ་ཞིག་ཡིན། སྤྱིར་ཁོང་གསང་སྔགས་རྡོ་རྗེ་ཐེག་པ་དང་ནང་བསྟན་གཞུང་ཆེན་ཐོག་ཏུ་མཁྱེན་རྒྱ་ཤིན་ཏུ་ཆེ་བའི་བླ་ཆེན་འགྲན་ཟླ་དང་བྲལ་ཞིང་སྒོས་ལམ་འབྲས་གཞུང་ལ་ཐོགས་པ་མེད་པ་ཡིན། ༸གོང་ས་མཆོག་གིས་ཁོང་ལ་“གསང་སྔགས་རྡོ་རྗེ་ཐེག་པའི་བླ་ཆེན་དབུ་ཁྲིད་ཡིན་”ཞེས་གཟེངས་བསྟོད་གནང་ཡོད། ཪིན་པོ་ཆེ་རང་ཉིད་ཀྱིས་ཉམས་ལེན་འདིའི་བརྒྱུད་དང་བྱིན་རླབས་ད་ལྟ་བར་མི་ཉམས་རྒྱུད་འཛིན་གནང་དང་གནང་བཞིན་མཆིས། དེ་སྔར་སའི་གོ་ལ་ཡུལ་གྲུ་ཕྱོགས་མཐའ་ཀུན་ཏུ་ཕེབས་ཏེ་ལམ་འབྲས་གསུང་ཆོས་གང་མང་གནང་ཡོད།  ཁོང་ནི་ས་ངོར་ཚར་གསུམ་གྱི་བླ་རྒྱུད་ཀྱི་རྒྱུད་བདག་གཙོ་བོ་ཡིན་པ་སྨོས་མི་དགོས།

བལ་ཡུལ་རྒྱལ་ས་ཀཏ་མན་དྷུར་ས་སྐྱ་༸གོང་མ་རིན་པོ་ཆེ་མཆོག་ནས་ལམ་འབྲས་གསུང་ཆོས་གནང་བ་འདི་ཐེངས་དང་པོ་ཡིན་པས། ས་སྐྱ་༸གོང་མ་རིན་པོ་ཆེ་འདྲ་བའི་མཆོག་ཏུ་གྱུར་པའི་བླ་ཆེན་གྱི་སྤྱན་སྔ་ནས་ཀཏ་མན་དྷུ་འདྲ་བའི་གནས་མཆོག་ཏུ་གསུང་ཆོས་ཐོས་པ་འདི་ཤིན་ཏུ་ཐོབ་དཀའ་བའི་སྐལ་པ་བཟང་པོ་ཞིག་རེད།

༸སྐྱབས་མགོན་ས་སྐྱ་ཁྲི་ཆེན་ཞེ་གཅིག་པ་རིན་པོ་ཆེ་དང་༸སྐྱབས་མགོན་ས་སྐྱ་ཁྲི་ཆེན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེ་རྣམས་གཉིས་ཀྱིས་ལམ་འབྲས་དབང་དང་གསུང་ཆོས་ཆ་ཚང་གནང་རྒྱུ་དང་། དེ་བཞིན་བཀའ་ལུང་གསུང་རྒྱུ་རེད།

སྣང་བ་གསུམ་གྱི་གསུང་ཆོས་གཅིག་པོ་ཉན་པའམ། དེ་དང་ལྷན་དུ་བྱང་ཆུབ་སེམས་ཀྱི་སྡོམ་པ་དང་ཀྱཻ་རྡོ་རྗེ་རྒྱུད་རྒྱུ་དབང་། ཡང་ན། ཀྱཻ་རྡོ་རྗེ་རྒྱུད་ལམ་དབང་དང་གསང་སྔགས་གསུམ་ཀྱི་གསུང་ཆོས་བསྡུས་པའི་ལམ་འབྲས་གསུང་ཆོས་ཆ་ཚང་ཉན་པ་རང་གི་མོས་པ་དང་མཐུན་ཏེ་འདམ་ན་འགྲིག ཞུ་རྒྱུ་ཞིག་ལ་དངོས་གཞི་ལམ་འབྲས་དང་གསང་སྔགས་གསུམ་གྱི་གསུང་ཆོས་མ་གསན་སྔོན་དུ་སྣང་བ་གསུམ་གྱི་གསུང་ཆོས་དང་། བྱང་སྡོམ། ཀྱཻ་རྡོ་རྗེ་རྒྱུད་རྒྱུ་དབང་ཞུ་དགོས།

 

ལམ་འབྲས་གསུང་ཆོས་གནང་མཁན་བླ་མ་རྣམས་ཀྱི་རྣམ་ཐར།

༸སྐྱབས་མགོན་ས་སྐྱ་གོང་མ་ཁྲི་ཆེན་ཞེ་གཅིག་པ།

༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་ནི་ས་སྐྱ་རིང་ལུགས་འཛིན་པའི་ཁྲི་ཆེན་ཞེ་གཅིག་པ་དེ་ཡིན། ཕྱི་ལོ་ ༢༠༡༧ ཟླ་བ་༣ པ་རུ་ཁོང་གི་གདུང་སྲས་བགྲེས་པ་ས་སྐྱ་༸གོང་མ་ཁྲི་འཛིན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེ་ལ་ཁྲི་ཆེན་འགན་དབང་ཆ་ཚང་གནང་སྟེ་༸སྐྱབས་མགོན་ཁྲི་ཆེན་རིན་པོ་ཆེ་ཞེས་ཀུན་གྱིས་ཡོངས་སུ་འབོད།

ས་སྐྱ་ཁྲི་ཆེན་ནི་དུས་རབས་བཅུ་གཅིག་དང་བཅུ་གཉིས་སུ་འབྱུང་བའི་ས་སྐྱ་རིང་ལུགས་སྲོལ་གཏོད་པ་པོའི་གདུང་རྒྱུད་འཁོན་ནས་ཡིན། ཇི་ལྟར་༸གོང་ས་མཆོག་སྤྱན་རས་གཟིགས་དབང་གི་རྣམ་སྤྲུལ་ཡིན་པ་བཞིན་ས་སྐྱ་ཁྲི་ཆེན་མན་ཇུ་ཤྲིའི་སྤྲུལ་པ་ཡིན།

མི་ལོ་ལྔ་བཅུ་ལྷག་རིང་ས་སྐྱ་རིང་ལུགས་འཛིན་སྐྱོང་སྤེལ་གསུམ་གྱི་བླ་རྗེ་འགན་ཁུར་བཞེད་དེ། འཛམ་གླིང་ས་ཕྱོགས་ཀུན་ཏུ་རྒྱལ་བའི་བཀའ་དང་སྡོ་སྣོད་གཞུང་ཆེན་དག་གི་ཚིག་དོན་གཉིས་ཀྱི་སྒྲོ་འདོགས་བཅད་ཅིང་འགྲོ་བ་རྣམས་ཀྱི་བློ་རྨོངས་སེལ་བའི་མཛད་འཕྲིན་རླབས་ཆེན་བསྐྱངས་བའི་སྙན་གྲགས་རབ་ཏུ་རྒྱས། ས་སྐྱ་ཁྲི་ཆེན་མདུན་ནས་གསུང་ཆོས་དངོས་སུ་ཐོས་པའི་གོ་སྐབས་རག་པ་འདི་ནི་ས་སྐྱ་རིང་ལུགས་སྲོལ་གཏོད་པ་པོའི་གདུང་རྒྱུད་བླ་མ་རྣམས་ཀྱི་བྱིན་རླབས་རང་རྒྱུད་ལ་བབས་ཞིང་། དེ་བཞིན་མན་ཇུ་ཤྲིའི་བྱིན་རླབས་དངོས་སུ་ཐོབ་པ་དང་གཅིག་མཚུངས་ཡིན།

༸སྐྱབས་མགོན་ས་སྐྱ་ཁྲི་ཆེན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེའི་རྣམ་ཐར།

༸སྐྱབས་མགོན་ས་སྐྱ་ཁྲི་ཆེན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེ་མཆོག་ནི་དཔལ་ས་སྐྱ་༸གོང་མ་བདག་ཁྲི་རིན་པོ་ཆེ་༤༡ པ་མཆོག་གི་གདུང་སྲས་བགྲེས་ཤོས་དེ་ཡིན། ཁོང་བོད་བརྒྱུད་ནང་པའི་གདུང་བརྒྱུད་ཁོངས་ནས་ནང་པའི་གཞུང་ཆེན་ཁག་ལ་མཁྱེན་རྒྱ་དཀྱེལ་ཡངས་ཆེ་བའི་སྐྱེ་ཆེན་ཡིན་ཞེས་ཀུན་གྱིས་འདོད་ལ། ནང་ཆོས་གཞུང་ལ་སྦྱངས་སྟོབས་ཤེས་རབ་ཆེ་ཞིང་གཞུང་ཆེན་དག་གི་ཚིག་དོན་སྒྲོ་འདོགས་གཅོད་པར་ཧ་ཅང་མཁས་པའི་ཁུ་བྱུག་གསུང་དབྱངས་ཡུལ་གྲུ་ཀུན་ཏུ་མཚན་སྙན་རབ་ཏུ་འབར། ༸སྐྱབས་མགོན་ས་སྐྱ་ཁྲི་ཆེན་ཞེ་གཉིས་པ་ཆེ་མཐོང་ཆེན་པོ་དང་ལྡན་པའི་གདུང་རྒྱུད་འཁོན་ཡིན་ལ་གཅིག་རྗེས་གཉིས་བརྒྱུད་ནས་ད་ལྟ་བར་ཆུ་བོ་བཞིན་རྒྱུན་ཆད་དང་བྲལ་བའི་གདུང་རྒྱུད་བླ་ཆེན་ཞིག་ཡིན།

ཕྱི་ལོ་༢༠༡༧ ཟླ་བ་༣ ཚེས་༩ ཉིན་རྩ་བའི་བླ་མ་དང་ཡབ་རྗེའི་སྤྱན་སྔ་ནས་ས་སྐྱ་གོང་མ་ཁྲི་ཆེན་ནམ་བླ་བརྒྱུད་ཁྲི་རབས་ཀྱི་འགན་དབང་ཆ་ཚང་བཞེས། དེའི་རྒྱུད་ནས་རང་གི་ཤེས་རབ་དང་དྲང་བདེན་བྱམས་བརྩེས་ཟིན་པའི་སྒོ་ནས་ཡུལ་གྲུ་ཀུན་ཏུ་གནས་པའི་ཆོས་སློབ་ཐམས་ཅད་ལ་ཡང་དག་པའི་ལམ་བསྟན་ཞིང་ཆོས་ལ་འཇུག་པའི་བྱ་བར་མཛད་དང་མཛད་བཞིན་མཆིས། དེ་བཞིན་སངས་རྒྱས་བསྟན་པ་དང་རིང་ལུགས་ཇི་ལྟ་ཡོད་པ་བཞིན་དུ་སྐྱོན་ནོར་དང་བྲལ་བའི་སྒོ་ནས་དེ་བཞིན་བསྟན་པར་མཁས་པའི་དབང་ཏུ་གྱུར།

ཐར་ལམ་དགོན་པའི་ལོ་རྒྱུས།

ཐར་ལམ་དགོན་པ་ནི་ག་རབ་འབྱམས་པ་ཀུན་དཀའ་ཡེ་ཤེས་ཀྱིས་བོད་དུ་དུས་རབས་བཅུ་བཞི་ཕྱག་བཏབ་པ་ཞིག་ཡིན། ཁམས་ཕྱོགས་སུ་ཡོད་ཅིང་གཙང་ངོར་དགོན་པའི་ཁོངས་སུ་གཏོགས། དེའི་ནང་རིང་སྲེལ་དང་རིན་ཆེན་སྣ་མང་གིས་ཁེངས། ཕྱི་ལོ་༡༩༡༩ནས་༡༩༢༡བར་བཛྲ་དྷ་ར་དགའ་སྟོན་ངག་དབང་ལེགས་པ་ནས་ཞལ་འདེབས་ཕོན་ཆེན་བྱིན་ཏེ་དགོན་པ་འདི་ཉམས་གསོ་བགྱིས། ཁོང་གིས་ཐོག་རྩེག་གསུམ་ཚད་སངས་རྒྱས་གསེར་སྐུ་བཞེངས་ལ། དེའི་གཡས་ཕྱོགས་ས་སྐྱ་པནྜི་ཏ་དང་གཡོན་ཕྱོགས་ངོར་ཆེན་ཀུན་དགའ་བཟང་པོ་ཐོག་རྩེག་གཉིས་ཅན་མཐོ་བའི་གསེར་གྱི་སྐུ་བརྙན་བཞག་གནང་ཡོད།

ཕྱི་ལོ་ ༡༩༨༡ ལོར་སྡེ་གཞུང་གསུམ་པ་རིན་པོ་ཆེས་བལ་ཡུལ་རྒྱལ་ས་ཀཏ་མན་དྷུའི་བྱ་རུང་ཁ་ཤོར་མཆོད་རྟེན་འགྲམ་ཐར་ལམ་དགོན་པ་གསར་པ་ཞིག་ཕྱག་བཏབ་གནང་ཡོད།

ཕྱི་ལོ་ ༡༩༩༠ ལོར་༸སྐྱབས་མགོན་བདག་ཆེན་རིན་པོ་ཆེ་ཐར་ལམ་དགོན་པར་ཕེབས་ཏེ་བོད་ཕྱི་ལོགས་སུ་ལམ་འབྲས་གསུང་ཆོས་གནང་བ་དེ་ཐེངས་དང་པོ་ཆགས་ཡོད། གསུང་ཆོས་དེ་ཞུ་མཁན་བླ་ཆེན་དང་། དེ་བཞིན་སེར་སྐྱ་སྟོང་ཚོ་མང་པོ་བ་རྒལ་བ་ཕེབས་ཡོད།

ཕྱི་ལོ་ ༡༩༩༣ ལོར་༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་ཆེན་ཞེ་གཅིག་པ་རིན་པོ་ཆེ་དགོན་པ་འདི་ག་ཆིབས་བསྒྱུར་གནང་ནས་འཇམ་དབྱངས་བློ་གཏེར་དབང་པོས་ཕྱོགས་བསྡུས་མཛད་པའི་ས་སྐྱ་ལུགས་ཀྱི་སྒྲུབ་ཐབས་ཀུན་བཏུས་གསུང་ཆོས་བསྩལ་ཡོད། དེ་ནས་བཟུང་༸སྐྱབས་མགོན་བཛྲ་དྷ་ར་ཀླུ་ལྡིང་རིན་པོ་ཆེ་མཆོག། དེ་བཞིན་ཆོས་ལུགས་རིས་མེད་བླ་ཆེན་གང་མང་ཕེབས་ཏེ་དབང་ལུང་མན་ངག་སོགས་ཀྱི་བདུད་རྩི་རབ་དང་རིམ་པའི་སྒོ་ནས་གནང་ཡོད།

ཕྱི་ལོ་ ༢༠༠༧ ལོར་འཇིགས་བྲལ་བདག་ཆེན་རིན་པོ་ཆེ་འདི་ག་སླར་ཡང་ཕེབས་ཏེ་ལམ་འབྲས་གསུང་ཆོས་ཐེངས་གཉིས་པ་གསུངས་ཡོད།

ཕྱི་ལོ་ ༡༩༩༤ ལོར་སྡེ་གཞུང་རིན་པོ་ཆེ་ཡང་སྲིད་བཞི་པ་མཆོག་ཐར་ལམ་དགོན་པ་འདི་གར་ཕེབས་ཏེ་གསེར་ཁྲི་མངའ་གསོལ་ཞུ། ཁོང་གིས་མདོ་སྔགས་གཞུང་ཆེན་དང་རིག་གནས་ཆུང་བ་སོགས་གསན་བསམ་གནང་སྟེ་བསླབ་པ་ཐར་སོན་མཛད། དེང་སང་དགོན་པའི་ཕྱི་ནང་འབྲེལ་བའི་འགན་དབང་ཡོངས་རྫོགས་བཞེད་ཅིང་འཛིན་སྐྱོང་གནང་བཞིན་ཡོད། 

ད་ལྟའི་ཆ་འདི་ག་གྲྭ་བཙུན་བརྒྱ་ལྷག་ཡོད་ཅིང། དེའི་ནང་ནས་ ༢༠ ས་སྐྱའི་མཐོ་སློབ་དང་བཤད་སྒྲ་གཞན་དག་ཏུ་ནང་པའི་གཞུང་ཆེན་ཐོས་བསམ་གྱི་བྱ་བར་གཞོལ་བཞིན་ཡོད། སློབ་མ་ ༧༦ དགོན་པའི་སློབ་གྲྭར་འཛིན་གྲྭ་བརྒྱད་པ་བར་སློབ་གཉེར་གྱི་བྱ་བར་བརྩོན། དགོན་པའི་མཁན་པོ་དང་དབུ་མཛད་གཟིགས་རྟོགས་འོག་བསླབ་པ་ཐར་སོན་སློབ་མ་རྒན་པ་རྣམས་ཉིན་ལྟར་ཆོ་ག་ཕྱག་ལེན་དང་ཞབས་བརྟན་ཆོས་ཕྱོགས་སོགས་ཀྱི་ལས་འགན་ཁུར་དང་འཁུར་བཞིན་གདའ།  

དགོན་པ་འདི་གར་སེམས་ཅན་ཐམས་ཅད་ཕན་བདེ་ཡོང་བའི་ཕྱིར་དུ་ཞབས་བརྟན་ཉིན་ཚོགས་སོགས་རྒྱས་པོ་ཚོགས་དང་འཚོགས་བཞིན་ཡོད་པ་སྨོས་མི་དགོས། དེའི་ནང་ན་ལོ་ལྟར་འཚོགས་པའི་སོ་སོའི་རྩ་བའི་བླ་མའི་ཐུགས་བཞེད་ལྷུན་བཞིན་གྲུབ་ཆེད་རབ་འབྱམས་པ་བླ་མ་མཆོད་པ་ཡང་བསྡུས།

༸སྐྱབས་རྗེ་སྡེ་གཞུང་རིན་པོ་ཆེའི་གསུང་འཕྲིན།

ཕྱི་ལོ་༢༠༢༤ ཟླ་བ་ ༡༠ ཚེས་༦ ཉིན་དཀོན་མཆོག་གསུམ་དང་འུ་ཚོའི་རྩ་བའི་བླ་མའི་སྐུ་དྲིན་ཉག་ཅིག་གིས། བལ་ཡུལ་དུ་ཡོད་པའི་ཐར་ལམ་དགོན་པར་༸སྐྱབས་མགོན་ས་སྐྱ་ཁྲི་ཆེན་ཞེ་གཅིག་པ་དང་ཞེ་གཉིས་པའི་རྩ་ཆེན་ལམ་འབྲས་གསུང་ཆོས་ཞུ་བར་ཕེབས་མཁན་ཚང་མ་ངས་དགའ་བའི་དབྱངས་དང་བཅས་པའི་ངང་ནས་བསུ། རིན་པོ་ཆེས་བལ་ཡུལ་རྒྱལ་ཁབ་ཏུ་གསུང་ཆོས་གནང་རྒྱུ་འདི་ཐོག་མ་ཆགས་ཡོད།

འུ་ཚོས་ཇི་ལྟར་གསོལ་བ་བཏབ་བཞིན་ངེས་ཅག་རྩ་བའི་བླ་མ་༸སྐྱབས་མགོན་ས་སྐྱ་ཁྲི་ཆེན་ཞེ་གཅིག་པ་དང་༸སྐྱབས་མགོན་ས་སྐྱ་ཁྲི་ཆེན་ཞེ་གཉིས་པ་མཆོག་གིས་གསུང་ཆོས་གནང་རྒྱུའི་ཞལ་བཞེད་གནང་བ་འདི་ཕྲན་གྱིས་སེམས་གཏིང་ནས་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ་རྒྱུ་ཡིན།

དམིགས་བསལ་དུ་གལ་འགངས་ཆེ་བའི་ཉིན་མོ་ཁྱད་པར་ཅན་འདི་དོན་དང་ལྡན་པའི་ངང་ནས་ལེགས་གྲུབ་ཡོང་བའི་ཕྱིར་ཚོགས་བཞུགས་པ་གང་མང་ལྷན་འཛོམས་ནས་རྒྱབ་སྐྱོར་དང་རམ་འདེགས་གང་ལྕོགས་ཅི་ཐུབ་གནང་བའི་རེ་བསྐུལ་ཞུ། བྷ་བ་ཏུ་ས་རྦ་མངྒ་ལཾ། 

 

རྒྱུན་ཏུ་དྲི་ལན།

གསལ་བརྡ།
༄། །ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༥ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༢ ཐོག་༸དཔལ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་། ཁྲི་རབ་ ༤༢ རཏྣ་བཛྲ་རིན་པོ་ཆེ་མཆོག་དང་ལྷན་དུ་སྐུ་འཁོར་རྣམས་ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༥ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༢ ཐོག་ཀ་ཐ་མན་ཌུ་ལ་ཕེབས་འབྱོར་གནང་རྒྱུ་ཡིན་པར་གསལ་བསྒྲགས་ཞུ

ཕྱི་ལོ ༢༠༢༤ ཟླ་བ་ ༡༠ ཚེས་༦ ཉིན་ནས་ལམ་འབྲས་གསུང་ཆོས་དངོས་སུ་འགོ་བཙུགས། གཤམ་གསལ་མཛད་རིམ་རེའུ་མིག། གལ་ཏེ་མཛད་སྒོའི་དུས་ཚོད་འགྱུར་བ་ཕྱིན་ན། འདི་ག་གསར་སྒྱུར་བྱས་ནས་བཀོད་ཀྱི་ཡིན།

ཟླ་ཚེས། མཛད་རིམ།
ཉིན་དང་པོ་གསུམ་གྱི་སྔ་དྲོ། རྣམ་རྒྱལ་མ་དང་འབྱུང་འདྲུལ་རི་ཁྲོད་མ་བཅས་ཀྱི་རྗེས་གནང་།
༦ ནས་༡༥།༡༠ ཉིན་བཅུ་སྣང་གསུམ་གྱི་གསུང་ཆོས།
༡༦།༡༠ སྔ་དྲོ་བྱང་སྡོམ་དང་སློམ་མ་རྗེས་འཛིན།
༡༧ ནས་༡༩།༡༠ བསྙེན་པ་ཁ་གསོག།
༢༠ ནས་༢༨།༡༠ རྒྱུ་དབང་།
༢༩།༡༠ ནས་༢།༡༡ རྒྱུད་གསུམ།
༣ ནས་༦།༡༡ ཕྱི་བསྐྱེད་རིམ།
༧ ནས་༩།༡༡ ལམ་དབང་།
༡༠ ནས་༡༢།༡༡ ནང་བསྐྱེད་རིམ།
༡༣ ནས་༡༥།༡༡ གསང་དབང་།
༡༦།༡༡ ཤེར་དབང་།
༡༧།༡༡ དབང་བཞི་པ།
༡༨ ནས་༢༢།༡༡ འདྲེན་མཆོག་རྩ་བའི་བླ་མ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་ལ་བརྟན་བཞུགས།
༢༣ ནས་༢༤།༡༡ བླ་མའི་རྣལ་འབྱོར་གྱི་བྱིན་རླབས།
༢༥ ནས་༢༨།༡༡ རྣལ་འབྱོར་མའི་བྱིན་རླབས།
༢༩ ནས་ ༣༠།༡༡ བིར་སྲུང་བྱིན་རླབས།

བློ་ཕམ་པའི་ངང་ནས་ཞུ་རྒྱུ་ཞིག་ལ་དགོན་པའི་ངོས་ནས་ཚོགས་བཞུགས་པའི་ཆེད་དུ་སྡོད་ཁང་གྲ་སྒྲིག་བྱེད་པའི་ནུས་པ་དང་བྲལ་ཞིང་། ལམ་འབྲས་གསུང་ཆོས་རྐྱེན་པས་ལྷ་ཁང་ར་བའི་ཐང་དུའང་གུར་ཕུབ་ནས་སྡོད་མི་ཆོག་པས་སོ་སོའི་སྡོད་ཁང་སོ་སོ་རང་ཉིད་ཀྱིས་གྲ་སྒྲིག་བྱེད་རོགས་གནང་།

དེ་བཞིན་སོ་སོའི་ཞལ་ལག་སོ་སོས་གྲ་སྒྲིག་གནང་བར་ཞུ། དགོན་པའི་མཐའ་སྐོར་དུ་ཟ་ཁང་མང་དག་ཡོད་པས་དེར་ཕེབས་ནའང་འགྲིག གསུང་ཆོས་དང་དབང་གནང་བའི་ཉིན་མོར་དགོན་པའི་ངོས་ནས་ཚོགས་བཞུགས་པ་རྣམས་ཀྱི་ཆེད་དུ་ཤ་མེད་སྟབས་བདེའི་ཉིན་གུང་ཞལ་ལག་གྲ་སྒྲིག་བྱེད་རྒྱུ་ཡིན་ལ། དེ་ལ་སོ་སོའི་དགོས་མཁོ་དམིགས་བསལ་ཞལ་ལག་སྤྲོད་རྒྱུའི་ནུས་པ་དང་བྲལ། དེ་དུས་ཚོགས་བཞུགས་པ་ཀུན་གྱིས་ཞོགས་ཟས་དང་དགོང་ཟས་གྲ་སྒྲིག་གནང་བར་འཚལ།

གཤམ་གསལ་ཁྱེད་རྣམ་པས་སྡོད་ཁང་འཚོལ་རྒྱུའི་དཀའ་ཚེགས་ཅུང་ཉུང་ཚེ་དགོན་པའི་མཐའ་སྐོར་མགྲོན་ཁང་ཁ་ཤས་གླ་རྒྱུའི་མཚན་ཐོ།

སྡོད་ཁང་གླ་རྒྱུའི་རོགས་སྐྱོར་དགོས་ཚེ་འདི་ག་འབྲེལ་བ་གནང་སའི་ཝི་ཅ་ཊ་དང་ཝཊ་ཨེབ་ཨང་གྲངས།

Bipul Timilsina 
Whatsapp:+977 9841554551
Wechat: bipul147

གལ་ཏེ་ཁྱེད་ལ་རྡོ་རྗེ་དང་དྲིལ་བུ་ཡོད་མ་འཁྱེར་གནང་རོགས།
གཞན་ཡང་ཁྱེད་ལ་རླུང་འཕྲིན་འཕྲུལ་ཆས་ཡོད་ན། བལ་བོད་དབྱིན་གསུམ་གྱི་སྐད་ཐོག་ནས་སྐད་སྒྱུར་བྱ་རྒྱུ་ཡིན་པས་ཁྱེད་རང་གི་སྐད་སྒྱུར་ལ་ཉན་ཐུབ་པའི་ཆེད་དུ་འཁྱེར་ཆོག དེ་མིན་མི་སྒེར་གྱི་སྒྲ་དང་བརྙན་ཕབ་བྱེད་མི་ཆོག་པས་སྒྲ་ཕབ་འཕྲུལ་ཆས་འཁྱེར་མི་ཆོག  སློབ་ཁྲིད་ཀྱི་འདྲ་བཤུས་དགོས་འདོད་ཡོད་པའི་སློབ་མ་ཚོས་སློབ་ཁྲིད་ཀྱི་དུས་སྐབས་མཇུག་སྒྲིལ་རྗེས་ཆེད་ལས་ཐོག་ནས་ཐོ་འགོད་བྱས་པའི་དཔེ་དེབ་ཀྱི་རིན་གོང་མཐུན་པོའི་ཐོག་ནས་ཉོ་ཐུབ་ཀྱི་ཡོད།
 ཁྱེད་རང་གི་འདྲ་པར་ཆེ་ཆུང་3 cm X 2.5 cm ཅན་ཞིག་འཁྱེར་གནང་རོགས

ཐོ་འགོད།

གསལ་བརྡ།

ད་ལོའི་ལམ་འབྲས་གསུང་ཆོས་ལ་ཐོ་འགོད་བྱ་འདོད་ན། ཐོ་འགོད་འགེངས་ཤོག་བཀང་ནས་འབུལ་བར་ཞུ། འགེངས་ཤོག་འབུལ་ཚར་རྗེས་ཁྱེད་ཀྱིས་ཐོ་འགོད་དོད་འབུལ་དགོས། གཤམ་གསལ་དོད་ཅི་ཙམ་ཡིན་པ་དང་ཇི་ལྟར་འབུལ་དགོས་ལམ་སྟོན་བྱེད་ཡོད།

ཐོ་འགོད་དོད་ཅི་ཙམ་ཡིན་པ། 
རྒྱལ་སྤྱི་ཚོགས་བཞུགས་པར་ཨ་སྒོར་༡༠༠། 

རྒྱལ་སྤྱི་ཚོགས་བཞུགས་པ་དག་གིས་པེ་པལ་རྒྱུད་ནས་འབུལ་ཆོག་ལ། ཡང་ན། ཐར་ལམ་དགོན་པར་འགེངས་ཤོག་བསྡུས་སྐབས་སྤྲོད་ན་འགྲིག གལ་ཏེ་ཁྱེད་ཀྱིས་པེ་པལ་རྒྱུད་ནས་སྟེར་ན་དངུལ་འཛིན་དང་ཐོ་འགོད་འགེངས་ཤོག་གློག་འཕྲིན་ཁ་བྱང་དུ་བཀུར་གནང་ཞུ། གསུང་ཆོས་ལག་འཁྱེར་ནི་དུས་སྟོན་འགོ་མ་བཙུགས་ཉིན་གསུམ་སྔོན་དུ་འགྲེམ་རྒྱུ་ཡིན་པ་མཁྱེན་པར་འཚལ། 

ཧི་མ་ལ་ཡ་ཚོགས་བཞུགས་པ་རྣམས་ཀྱིས་ཐར་ལམ་དགོན་པར་ཕེབས་ནས་དངུལ་དམར་དངོས་སུ་སྤྲོད་ཆོག  ཡང་ན་གཤམ་གསལ་བལ་ཡུལ་རང་གི་དངུལ་ཁང་རྒྱུད་ནས་སྤྲོད་ཆོག

Payments from Nepali Banks only!
Bank Name: Nepal Investment Mega Bank Ltd.
Account Name: Tharlam Sakya Dharma Vihara
Account Number: 02405020257510
Branch Name: Bouddha

བལ་ཡུལ་ཕྱི་ནས་དངུལ་སྤྲོད་མཁན་ཚོས་གཤམ་གྱི་དངུལ་ཁང་ཐོག་དངུལ་བསྐུར་རོགས།
Bank Name: Prabhu Bank Ltd.
Account Name: Tharlam Sasang Namagyal Ling Sakya Dharma Bihar
Account Number: 3260155862000019
Swift Code: PRVUNPKA
Branch Name: Boudha
Bank Address: Kathmandu, Nepal.

ཐོ་འགོད་རིན་པ་རྣམས་ཕྱིར་སློག་བྱ་རྒྱུ་མེད་པ་དང་། ཐོ་འགོད་དེའང་སྤོ་བསྒྱུར་བྱེད་མི་ཐུབ་པ་དགོངས་འཇག་འཚལ།

ཁྱེད་ཀྱིས་Paypalབརྒྱུད་ནས་དངུལ་སྤྲོད་འདོད་ཡོད་ན་གཤམ་གྱི་སྦྲེལ་མཐུད་བརྒྱུད་ནས་དངུལ་སྤྲོད་ཐུབ།

གལ་ཏེ་ཁྱེད་ཀྱི་རྒྱལ་ཁབ་ནས་Paypal བརྒྱུད་འབྲེལ་མཐུད་བྱེད་ཐུབ་ཀྱི་མེད་ན། ང་ཚོའི་Gmail གློག་འཕྲིན་ཁ་བྱང་ནི།
bodhikindnessfoundationcanada@gmail.com ཡིན་ན་ཁྱེད་ཀྱིས་གློག་འཕྲིན་འདི་ Paypal་ནང་བེད་སྤྱད་ནས་ཐོ་འགོད་རིན་པ་དང་/ཡང་ན་ཞལ་འདེབས་ཐད་ཀར་གཏོང་ཐུབ།
 

For foreigners who are currently outside of Nepal and will be receiving Hevajra wang please fill up the supplementary form below and submit.

འབྲེལ་གནས།

Address

Tharlam Guest House

Boudha, Phulbari

Kathmandu, Nepal

Telephone / Whatsapp

+977-9840905943

+977-9827973613

9779840905943

9779827973613

(Temple phone number, no Chinese service)

Service Hours

We only accept email inquiries.

Monday to Friday

Morning, 9:00 am -11:00 am

Day, 2:00 pm -4:00 pm